close

དྷཱིཿ  གྲོས་འདེབས་སྤྲིན་གྱི་གླུ་དབྱངས་ཞེས་བྱ་བ།  །

忠言·雲間妙音

མཁྱེན་པའི་རང་གཟུགས་ཟུར་ཕུད་ལྔ་པ་ཅན༎      

智慧自色五髻文殊尊,

བསིལ་ལྗོངས་ཞིང་དུ་མི་ཡི་ཟོལ་འཛིན་པ།།           

藏地顯為人相持教者,

གཟུངས་སྤོབས་བྱེ་བའི་གཏེར་མཛོད་མི་ཕམ་པས༎ 

俱胝持辯寶藏麥彭巴,

ཁྱོད་བློ་བྱང་ཆུབ་ལམ་དུ་སྒྱུར་བར་མཛོད༎          

令汝之心轉向菩提道。

ཚེ་རབས་དུ་མར་ལེགས་ལམ་སྤྱད་པའི་འབྲས༎      

多生之中行持善道果,

རྙེད་དཀའི་རྟེན་མཆོག་དལ་འབྱོར་སྙིང་པོའི་ལུས༎ 

難得胜依暇滿精藏身,

ཡེངས་མ་ལམ་དུ་སྟོང་ཟད་མི་བྱེད་པར༎              

莫使放逸散漫虛度日,

དམ་ཆོས་སྤྱོད་ལ་ཐར་བའི་ལམ་བཟང་སྒྲུབས༎       

當隨法行修妙解脫道。

སྐད་ཅིག་མི་སྡོད་འོང་བའི་འཆི་བདག་དགྲ།          

剎那不停而來死主敵,

ནམ་ཙམ་ཐོན་པ་སུས་ཀྱང་དཔོག་མིན་ཕྱིར༎          

何時出現誰亦難料故,

ཕྱི་མར་ཕན་པའི་ཐབས་ཤིག་མ་བཙལ་ན༎             

利益后世方便未尋求,

འཆི་ཚེ་འགྱོད་པས་ཟིན་དུས་ཅི་ཞིག་བྱ༎                

死時空怀懊悔復奈何。

དགེ་སྡིག་གང་བྱས་བསྐལ་བརྒྱར་སོང་ན་ཡང་༎       

所作善惡縱經于百劫,

བསླུ་མེད་རྣམ་སྨིན་འབྱིན་པ་རང་གཤིས་ཏེ༎           

顯發無欺异熟其本性,

དེ་ཕྱིར་སྤང་བླང་འདོར་ལེན་ཕྲ་བ་ནས༎                

是故微細取舍抉擇已,

ཁྱད་དུ་མི་གསོད་ཡིད་ཆེས་བསྐྱེད་པར་རིགས༎         

尤于不殺生起信解等。

རབ་འབར་མེ་དཔུང་སྟོང་གིས་མི་འགྲན་པ༎            

千堆极熾火聚亦難比,

སྲིད་གསུམ་གར་སྐྱེས་སྡུག་བསྔལ་འབུམ་གྱི་གནས༎     

三有任生何處眾苦藪,

འདི་ལ་སུན་ཏེ་ཞི་བསིལ་ཐར་བའི་ལམ༎                 

既厭此于息涼解脫道,

མི་འགྱང་རང་གི་དཔལ་དུ་ལེན་པར་མཛོད༎            

自當取受吉祥莫耽延。

ནམ་ཡང་མི་བསླུ་རིན་ཆེན་རྣམ་པ་གསུམ༎              

于彼永時無欺之三寶,

ཡིད་ཆེས་བརྟན་པོས་སྐྱབས་སུ་བསྙེན་བྱས་ལ༎          

以恆信解皈依並親近,

རིང་ནས་དྲིན་ཀྱིས་བསྐྱངས་པའི་མཁའ་མཉམ་འགྲོ༎  

素來恩惠于我等空眾,

མངོན་འཚང་རྒྱ་བའི་བསམ་སྤྱོད་ཁུར་དུ་སྟེན༎         

現前成佛愿行擔挑荷                                        

བསགས་པའི་ལོངས་སྤྱོད་དབྱར་དུས་འཇའ་ཚོན་ལྟར༎

所積受用猶如夏季虹,

སྙིང་པོ་མེད་ལ་ཆགས་ན་ངན་འགྲོའི་རྒྱུ༎                  

了無實義貪即惡趣因,

བྱིན་པས་མི་འཛད་གང་འདོད་ཤུགས་ཀྱིས་འབྱུང་༎    

若施無盡所求自隨生,

ཡར་མཆོད་མར་སྦྱིན་ཚོགས་ཆེན་རྫོགས་པར་གྱིས༎      

上供下施使圓大資糧。

རང་རེ་ལས་ངན་སྐྱེ་བོའི་སྡིག་ལྟུང་རྒྱུན༎      

吾儕作惡之人罪墮流,

དཔག་ཡས་འཕེལ་བ་ཆུ་གཏེར་སྟོང་ལས་ལྷག།         

無量滋長超過千大海,

སྟོབས་བཞིའི་གཉེན་པོས་བཤགས་སྦྱངས་མི་བྱེད་པར༎

四力對治凈忏若未作,

རང་མཐོང་ཆེ་བས་རང་མགོ་བསྐོར་བར་ཟད༎   

自視甚高畢竟徒自欺。

དུས་གསུམ་རྒྱལ་བས་གདུལ་བར་མ་ནུས་པ༎               

三世諸佛未能予調化,

འུ་ཅག་འཁོར་བར་འཁྱམས་པའི་འགྲོ་བ་རྣམས༎  

漂泊輪回我等有情眾,

ཐུགས་བརྩེས་མ་དོར་བཤེས་གཉེན་སྐུར་སྣང་བ༎  

不捨大悲顯現善師身,

དམ་པའི་མགོན་གྱི་བཀའ་དྲིན་ཇི་ལྟར་གཞལ༎   

殊胜怙主深恩實無量

རབ་འབྱམས་ལྷ་སྐུ་བསྒོམས་ནས་བཟླས་བརྗོད་ནི༎       

無邊尊身如量修誦,

གྲངས་སུ་འཁྱོལ་ལས་འདྲེན་མཆོག་བླ་མ་ལ༎              

虔誠信胜引上師前,

དད་པས་གསོལ་འདེབས་ལན་གཅིག་བྱས་པ་མཆོག།     

祈禱一次較之更殊胜,

དེ་ཕྱིར་དོན་ཆེན་ལམ་ལ་བསླབ་པར་རིགས༎               

是故應宜修學大利道。

ཚེ་གཅིག་འོད་སྐུར་སྨིན་པའི་ལམ་བཟང་གང་༎           

一生成熟光身之妙道,

དབང་ཁྲིད་བསྒོམ་པའི་ངལ་བ་བྱས་མིན་ཀྱང་༎           

不勞灌頂講解修習苦,

ཟོལ་མེད་གུས་པས་བླ་མར་བསྟེན་བྱས་ན༎                 

了無諂誑敬信而依師,

རླན་དྲོད་འཛོམས་པའི་ཞིང་སར་ལོ་ཏོག་ལྟར༎            

一如聚合暖濕田禾,

མ་འབད་རྒྱུད་ལ་འཁྲུངས་པ་རྟེན་འབྲེལ་གནད༎         

無勤生于相續緣起要。

ཟས་ནོར་ཡོ་བྱད་བུ་ནོར་ཆུང་མ་བཅས༎                   

食財資具妻兒財產俱,

ཡིད་ལ་ཕངས་ཚད་དྲིན་ཆེན་བླ་མར་འབུལ༎              

凡所愛物獻于大恩師,

ཅི་གསུངས་དང་དུ་ལེན་པས་དཀའ་སྤྱད་ཀུན༎            

聽命依教奉行諸苦行,

ཞུམ་མེད་ཕྲག་པར་ཁུར་ན་དོན་གཉིས་འགྲུབ༎      

若能無畏荷擔成二利。

ཡང་ཅིག་གསོན་དང་རིང་ནས་འདྲིས་པའི་གྲོགས༎       

又復諦听諸宿朋密友,

བརྒྱད་ཁྲི་བཞི་སྟོང་ཆོས་མཛོད་མཐའ་དག་གི༎            

一切八萬四千諸法藏,

སྙིང་པོའི་བཅུད་འདུས་དད་དང་སྙིང་རྗེ་སྟེ༎              

精要攝于信心與悲心,

འདི་གཉིས་ཁོ་ན་ཕན་པའི་གཏེར་གཅིག་ལགས༎         

即此二者惟一利益藏,

གཞན་དུ་མཁས་པའི་གསུང་དང་ཟབ་གཏེར་ཚོགས༎    

其他智者語及諸深藏,

མང་མང་བུ་རམ་སྒོར་མོའི་རོ་ལྟ་བུ༎                

多多猶如圓形紅糖味,

གཅིག་ལས་གཅིག་མཚར་རྒྱུ་སྐར་གྲངས་ལས་ལྷག།  

一比一妙量過于群星,

དོན་གནད་མ་རྟོགས་ངལ་བ་འཕེལ་བའི་རྒྱུ༎    

未曉要義徒增勞苦因。

ཁོ་བོ་སྐྱེས་ཐོབ་བློ་གྲོས་ན་ཕྲ་ཞིང་༎                 

愚鈍如我生智慧少,

སྦྱངས་སྟོབས་བརྩོན་པ་ཧ་ཅང་ལྷོད་གྱུར་པས༎            

學力精進又復极松散,

ཁྱེད་ཐུགས་དགྱེས་པའི་ཚིག་དོན་མི་བདོག་མོད༎         

未有汝心歡喜之辭義,

བཀས་བསྐུལ་བཏང་སྙོམས་མ་བཞག་ཙམ་དུ་བྲིས༎       

未罔顧他請而稍寫,

འདིས་མཚོན་དུས་གསུམ་ལེགས་བྱས་སྣང་བའི་རྒྱུན༎    

以此為主三世善光流,

མཁའ་མཉམ་ལུས་ཅན་འགྲོ་བའི་ཕྱིར་འབྲངས་ཏེ༎       

隨行等空有情眾生后,

སྟོབས་བཅུའི་རྒྱལ་ཐབས་མཆོག་ལ་དབུགས་ཕྱུང་ནས༎  

灌頂成十力佛安慰已

ཉེར་བདུན་ཕྲིན་ལས་དཔལ་གྱིས་ཕྱུག་པར་སྨོན༎          

廿七事業愿吉祥廣大。

 

ཞེས་རབ་བྱུང༡༦་ཆུ་སྟག་ཟླ་གཉིས་པའི་ཚེས་ཉེར་གཅིག་ལ་ངག་དབང་བློ་གྲོས་མཚུངས་མེད་དུ་འབོད་པས་བྲིས༎

此乃十六胜生周水虎年二月廿一日,稱為阿旺羅珠聰美
(語自在智慧無比)者寫。

arrow
arrow
    全站熱搜
    創作者介紹
    創作者 顯密利生網 的頭像
    顯密利生網

    顯密利生網

    顯密利生網 發表在 痞客邦 留言(0) 人氣()