ྱབྱ་རྩོལ་སྤྲོས་བྲལ་ཀུན་བཟང་དགོངས་ཀློང་དུ།། མངོན་སངས་རྒྱས་པའི་རྒྱལ་བ་རྡོ་རྗེ་སེམས།། གཉིས་མེད་ངེས་པ་དོན་གྱི་རྫོགས་ཆེན་པ།། ཀུན་སྤངས་སྦས་པའི་རྣལ་འབྱོར་ཁྱེད་ལ་གུས།། ༸སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེའི་སྐུའི་འཁྲུངས་སྐར་ཉིན་འགྱུར་མེད་བློ་གྲོས་རྡོ་རྗེ་ནས་གུས་པ་ཆེན་པོས་ཕུལ།།



請先 登入 以發表留言。